བབས་གནས།  དབུ་ངོས།སྐབས་དོན། གསར་འགྱུར། → མཉེན་ཆས་ཀུན་གསལ་མེ་ལོང་ངོ་སྤྲོད་རགས་བསྡུས།

མཉེན་ཆས་ཀུན་གསལ་མེ་ལོང་ངོ་སྤྲོད་རགས་བསྡུས།

ཡོང་ཁུངས། དྲ་ལམ།རྩོམ་པ་པོ། མཉེན་ཆས་གླིང་།སྤེལ་དུས། 10-20

ཀུན་གསལ་མེ་ལོང་གི་ཁྱད་ཆོས་འགའ་ཞིག་མཐོང་བ་ནི་འདི་ལྟ་སྟེ།

རྒྱ་ཆེ་བ།

  དེ་ཡང་ཀུན་གསལ་མེ་ལོང་ནང་ད་སྐབས་བཞག་ཡོད་པ་ནི་འཇང་བཀའ་འགྱུར། སྡེ་དགེ་བཀའ་འགྱུར། སྡེ་དགེ་བསྟན་འགྱུར་ལས་སེམས་ཙམ་ཡན། དྭགས་པོའི་བཀའ་འབུམ། ཙོང་ཁ་པའི་བཀའ་འབུམ།  གོ་རམས་བཀའ་འབུམ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་བཀའ་འབུམ་ལས་པོད་ཆེན་བཞིའི་འགྲེལ་བ། མི་ཕམ་བཀའ་འབུམ་བཅས་སོ།།

    འབྱུང་འགྱུར་ཁུ་རེ་བཀའ་འགྱུར། ཅོ་ནེ་བཀའ་འགྱུར། ཐེམ་སྤངས་མའི་བཀའ་འགྱུར། པེ་ཅིན་བཀའ་འགྱུར། སྒར་ཆེན་བཀའ་འགྱུར། རྒྱའི་བཀའ་འགྱུར། ལྷ་ས་བཀའ་འགྱུར། སྣར་ཐང་བཀའ་འགྱུར་བཀའ་འགྱུར་སྐོར་དང་།   སྡེ་དགེ་བསྟན་འགྱུར་སེམས་ཙམ་མན། སྣར་ཐང་བསྟན་འགྱུར། ཅོ་ནེ་བསྟན་འགྱུར། པེ་ཅིན་བསྟན་འགྱུར་བཅས་བསྟན་འགྱུར་སྐོར་དང་།

    བོད་གངས་ཅན་ལྗོངས་ཀྱི་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་དང་མེས་པོའི་ཆོས་བརྒྱུད་གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་མཆོག་རྣམས་ཀྱི་གསུང་རབ་གཞན་རྣམས་རིམ་བཞིན་འཇོག་ཡོང་བ་ཡིན་འདུག་ལ། གཞག་རིམ་བཞིན་རང་ཤུགས་ཀྱིས་སོ་སོའི་ཀུན་གསལ་མེ་ལོང་སྙི་ཆས་ནང་དུ་ཐོན་ཡོང་བ་ཞིག་ཡིན་འདུག

འཚོལ་བདེ་བ།

   དེ་ཡང་ཀུན་གསལ་མེ་ལོང་སྙི་ཆས་ནས་བཀའ་བསྟན་འགྱུར་བཀའ་འབུམ་བཅས་ལས་གང་ཞིག་ནས་གསུང་རབ་གང་ཞིག་དང་གསུང་རབ་དེའི་ལུང་ཚིག་གང་གང་ཞིག་གང་འཚོལ་དགོས་རུང་ལས་སླ་བོར་འཚོལ་ཐུབ་ཅིང་། དེ་ཡང་འཚོལ་ཐེངས་གཅིག་གིས་བཀའ་བསྟན་ཡོངས་རྫོགས་ལས་འཚོལ་ཐུབ་པ་དང་། ཡང་ན་རང་གི་འདོད་མོས་ལྟར་བཀའ་བསྟན་དང་བཀའ་འབུམ། དེ་དག་ལས་པོད་གཅིག་ཙམ་དང་པོད་གཅིག་གི་ལེ་ཚན་གཅིག་ཙམ་བྱེད་ནས་གདམ་གསེས་ཀྱིས་འཚོལ་ཐུབ་པ།

འཚོལ་མྱུར་བ།

    ཀུན་གསལ་མེ་ལོང་སྙི་ཆས་ལས་བཀའ་བསྟན་གང་ཞིག་གི་ལུང་ཚིག་གང་ཞིག་འཚོལ་དགོས་རུང་སྤྱིར་བཏང་གི་འཕྲུལ་དེབ་ཆེ་བ་ཞིག་ལས་ཀྱང་མྱུར་བར་བཙལ་འཚོལ་ཐུབ་པ།

དྲྭ་མེད་ཀྱང་བེད་སྤྱོད་ཆོག་པ།

    ཀུན་གསལ་མེ་ལོང་སྙི་ཆས་དུ་ཡོད་པའི་གསུང་རབས་རྣམ་རང་མོས་ཀྱིས་ཕབ་ལེན་ཆོག་ལ། ཕབ་ཚར་རྗེས་དྲྭ་མེད་ཀྱང་ལྟ་ཀློག་དང་བཙལ་འཚོལ་ཐུབ་པ།

ཟིན་ཐོ་འབྲི་ཞིང་ཉར་ཚགས་ཆོག་པ།

    ཀུན་གསལ་མེ་ལོང་སྙི་ཆས་ནང་ཡོད་པའི་གསུང་རབ་རྣམས་ཀློག་སྐབས་དོ་རྣམས་ཟུར་དུ་ཟིན་ཐོར་འདེབས་ས་ས་དམིགས་བཟོས་འདུག་ཅིང་། ཀུན་གསལ་མེ་ལོང་སྙི་ཆས་ནང་ཐོ་འགོད་བྱས་ན་ཁ་པར་བོར་རླགས་ཕྱིན་ཀྱང་སྔར་ཟིན་བྲིས་བོར་རླག་ཏུ་ཤོར་མི་འགྲོ་བ།

རིས་སུ་མ་ཆད་པ།

    ཀུན་གསལ་མེ་ལོང་སྙི་ཆས་ནང་ཆོས་ལུགས་ཆོས་བརྒྱུད་ཀྱི་རིས་སུ་མ་ཆད་པར། བན་བོན་གཉིས་ཀ་དང་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ཀྱི་ཁྱད་པར་མེད་པར་གསུང་རབ་དག་བཞག་དང་འཇོག་པར་འགྱུར་བ།

རིན་མི་དགོས་པ།

    ཀུན་གསལ་མེ་ལོང་སྙི་ཆས་ནང་དུ་ཡོད་པའི་པོ་ཏི་རྣམས་བླུ་དགོས་ཚེ་སྒོར་མོ་ཁྲི་ཚོ་དུ་མ་དགོས་ཤིང་། གལ་ཏེ་བླུས་ཀྱང་ལུང་ཚིག་རྣམས་རང་གིས་འཚོལ་འདོད་པ་ལྟར་འཚོལ་མི་ནུས་ཤིང་རྙེད་དཀའ་བས་ཤོག་ཐོག་ཏུ་དཔར་བའི་བཀའ་བསྟན་གྱི་པོ་ཏི་དེ་དག་ལས་ཀྱང་མཁོ་གལ་ཆེ་ཞིང་། སྙི་ཆས་འདིའི་ཆེད་རྒྱུ་ཚེགས་ཀྱིས་འགྲོ་སོང་གཏོས་ཆེ་བ་གཏོང་ཡོད་ཀྱང་དེ་དག་གི་རིན་ཟུར་ཙམ་མ་བླངས་པར་རིན་མེད་ཀྱིས་ཆོས་སྦྱིན་དུ་བསྩལ་བ།

སྐད་ཡིག་བརྗེ་བསྒྱུར་ཆོག་པ

    ཀུན་གསལ་མེ་ལོང་སྙི་ཆས་འདི་བོད་རྒྱ་དབྱིན་གསུམ་གྱི་ཡི་གེ་གང་འདོད་ལྟར་བརྗེ་བསྒྱུར་ཆོག་པ།

འདྲ་བཤུ་བཟོ་ཆོག་པ།

    ཀུན་གསལ་མེ་ལོང་སྙི་ཆས་ནང་ཡོད་པའི་གསུང་རབ་རྣམས་རང་འདོད་ལྟར་བཤུས་ནས་གཞན་ལ་སྤེལ་བ་ལ་དང་རང་གིས་ཉར་ཚགས་བཟོ་ཆོག་པ།

༡༠
ཁྱད་ཆོས་གཞན་མང་བ།
    གཞན་ཡང་ཡིག་གཟུགས་ཆེ་ཆུང་དང་མ་གདན་གྱི་ཁ་དོག་སོགས་རང་འདོད་ལྟར་བརྗེ་ཆོག་པ། ཕབ་ཟིན་པ་རྣམས་ཀ་མད་ལྟར་གནས་པ་སོགས་ཁྱད་ཆོས་མང་བར་སྣང་ངོ་།།

 

དེ་ཡང་གཏེར་ཆེན་མཆོག་གླིང་པའི་ལུང་བསྟན་ནང་།

དེ་ཡི་ཕྱོགས་ཀྱི་བྲག་རི་དང་ལྗོན་ཤིང་གི་དྲུང་། སྐུ་ཕྲེང་བཅུ་བདུན་པ་ཀྭན་ཏིང་ཏྭའི་སི་ཏུ་དང་ལྷན་རྒྱས་པ་ནི་ཐུགས་ཡིད་གཅིག་ཏུ་འདྲེས་པས་རྒྱལ་བསྟན་གྱི་ལོ་འདབ་རྒྱས་ཤིང་དྭགས་བརྒྱུད་སྙིང་པོའི་འབྲས་བུ་གཡུར་དུ་ཟ་བའི་བརྡ། ཞེས་གསུངས་པ་དང་། ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པའི་ལུང་བསྟན་ནང་།

ཨོ་རྒྱན་ཐུགས་སྤྲུལ་(ཨོ་རྒྱན་ཐུགས་སྤྲུལ་ཀརྨ་ཐེག་པའི་མཚན། །ཞེས་ལུང་བསྟན་པ་བཞིན་ཀརྨ་པ་ནི་ཨོ་རྒྱན་གྱི་ཐུགས་སྤྲུལ་ཡིན་འདུག)ནུབ་ཕྱོགས་ནས། །

སྨེ་བའི་དོ་ཤལ་གཏུམ་དྲག་ཐུགས། །

ཞལ་ནས་དྲག་པོའི་གསུང་ཚིག་འབྱིན།།

སྨུག་ནག་མདོག་ལྡན་སྤྱན་གཉིས་འབུར། །

དམ་ལོག་སྤྲུལ་པ་དེ་ཡིས་འཇོམས། །

 དེ་ཡིས་བོད་ཁམས་དར་ཅིག་སྐྱོབས། །      

ཞེས་རྒྱལ་བསྟན་གྱི་ལོ་འདབ་རྒྱས་པར་བྱེད་ཅིང་བོད་ཁམས་ཀྱི་ཆོས་རིག་སྐྱོབ་པར་ལུང་བསྟན་པ་རྣམས་དུས་སུ་བབས་པར་སྣང་ངོ་།།

 ཀུན་གསལ་མེ་ལོང་ཞེས་པའི་སྙི་ཆས་འདིས་བཀའ་བསྟན་འགྱུར་དང་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ཀྱི་གསུང་ཡོངས་ཀྱི་པོ་ཏི་དང་ལུང་ཚིག་རྣམས་མཐེ་བོང་འགུལ་ཙམ་གྱིས་བཙལ་འཚོལ་ཐུབ་པར་བྱས་པ་ནི་སྔར་ལོ་ནས་ལོར་འབད་ཀྱང་མི་འགྲུབ་པ་ཞིག་ད་ལྟ་སྐད་ཅིག་གིས་འགྲུབ་པར་མཛད་པ་རེད་འདུག་པས་འདི་ལ་བརྟེན་ནས་བོད་གངས་ཅན་གྱི་གཞོན་ནུ་རྣམས་ཆེས་ཆེས་ཐོས་པ་རྒྱ་ཆེ་ཞིང་བློ་གྲོས་འཕེལ་བར་ངེས་པས་རྒྱལ་དབང་ཀརྨ་པ་གཙོར་བྱས་སྙི་ཆས་འདི་བཟོ་མཁན་གྱི་ལས་མི་རྣམ་པར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་ཞུ།

7.jpg

 

སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2020 BODYIG.NET 【མཉེན་ཆས་གླིང་།】 | 陇ICP备15003445-10 | 甘公网安备 662302702270019号

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག